Toggle navigation
Video
♫ Thôn Quê
♫ Sông Đáy
♫ Liên Khúc
♫ Nhạc Đám Cưới
♫ Nonstop Việt
♫ Không Lời
♫ Nhạc Vàng Trữ Tình
♫ Nhạc Trẻ
Praise of the Twenty One Taras_Phub Zam
Chencho Dorji
991.126 Lượt nghe
Prev
play
stop
Next
mute
max volume
00:00
00:00
repeat
Update Required
To play the media you will need to either update your browser to a recent version or update your
Flash plugin
.
Tải MP3
MÔ TẢ MP3
TIẾP THEO
Praise of the Twenty One Taras_Phub Zam
Song: Praise of the Twenty-One Taras Singer: Phub Zam Lyrics Transcribed: Chencho Dorji It's a powerful and blissed prayer. May all the sentient beings who hear and saw this prayer be free from obstacles and suffering and, this be the seed for their attainment of Buddhahood. སྒྲོལ་མ་ཉི་ཤུ་རྩ་གཅིག་ཆོས་དབྱངས། ༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༎ ༡ ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ༎ སྤྱན་ནི་སྐད་ཅིག་གློག་དང་འདྲ་མ༎ འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི༎ གེ་སར་བྱེ་བ་ལས་ནི་བྱུང་མ༎ ༢ ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ༎ གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ༎ སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས༎ རབ་ཏུ་ཕྱེ་བའི་འོད་རབ་འབར་མ༎ ༣ ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱིས༎ པདྨས་ཕྱག་ནི་རྣམ་པར་བརྒྱན་མ༎ སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ༎ བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ༎ ༤ ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར༎ མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ༎ མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི༎ རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ༎ ༥ ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ༎ འདོད་དང་ཕྱོགས་དང་ནམ་མཁའ་གང་མ༎ འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ༎ ལུས་པ་མེད་པར་འགུགས་པར་ནུས་མ༎ ༦ ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ༎ རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ༎ འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌༎ གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ༎ ༧ ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས༎ ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ༎ གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ༎ མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ༎ ༨ ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས༎ བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ༎ ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད༎ དགྲ་བོ་ཐམས་ཅད་མ་ལུས་གསོད་མ༎ ༩ ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི༎ སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ༎ མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི༎ རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ༎ ༡༠ ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི༎ དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ༎ བཞད་པ་རབ་བཞད་ཏུཏྟཱ་ར་ཡིས༎ བདུད་དང་འཇིག་རྟེན་དབང་དུ་མཛད་མ༎ ༡༡ ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས༎ ཐམས་ཅད་འགུགས་པར་ནུས་པ་ཉིད་མ༎ ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས༎ ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ༎ སྒྲོལ་མ་ཉི་ཤུ་རྩ་གཅིག་ཆོས་དབྱངས། ༡༢ ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན༎ བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ༎ རལ་པའི་ཁྲོད་ནས་འོད་དཔག་མེད་ལས༎ རྟག་པར་ཤིན་ཏུ་འོད་རབ་མཛད་མ༎ ༡༣ ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར༎ འབར་བའི་ཕྲེང་བའི་དབུས་ན་གནས་མ༎ གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི༎ དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ༎ ༡༤ ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི༎ མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ༎ ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས༎ རིམ་པ་བདུན་པོ་རྣམས་ནི་འགེམས་མ༎ ༡༥ ཕྱག་འཚལ་བདེ་མ་དགེ་མ་ཞི་མ༎ མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ༎ སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས༎ སྡིག་པ་ཆེན་པོ་འཇོམས་པ་ཉིད་མ༎ ༡༦ ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི༎ དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ༎ ཡི་གེ་བཅུ་པའི་ངག་ནི་བཀོད་པའི༎ རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ༎ ༡༧ ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས༎ ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ༎ རི་རབ་མནྡ་ར་དང་འབིགས་བྱེད༎ འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ༎ ༡༨ ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི༎ རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ༎ ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས༎ དུག་རྣམས་མ་ལུས་པར་ནི་སེལ་མ༎ ༡༩ ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ༎ ལྷ་དང་མིའམ་ཅི་ཡིས་བསྟེན་མ༎ ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས༎ རྩོད་དང་རྨི་ལམ་ངན་པ་སེལ་མ༎ ༢༠ ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི༎ སྤྱན་གཉིས་པོ་ལ་འོད་རབ་གསལ་མ༎ ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས༎ ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ༎ ༢༡ ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས༎ ཞི་བའི་མཐུ་དང་ཡང་དག་ལྡན་མ༎ གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས༎ འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ༎ རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌༎ ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།། དགེ་བ་འདི་ཡིས་མྱུར་དུ་བདག།། རྒྱལ་ཡུམ་སྒྲོལ་མ་འགྲུབ་འགྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག།། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།། བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ།། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། © 2018 CHENCHO DORJI LYRICS VIDEO ALL RIGHTS RESERVED Any reproduction or illegal distribution of the content in any form will result in immediate action against the person concerned. Uploading this video on other YouTube channels or Facebook pages without prior permission is strictly prohibited. (Link sharing or Embedding to websites is allowed)
Những bài liên quan
38:40
21 Praises to Tara: Lama Tenzin Sangpo and Ani Choying Drolma with English Translation
2.7 Tr
Tara's Triple Excellence
17:25
Namo Loki Shu Ra Ya - Chenrezig/Avalokiteshvara [Om Mani Padme Hun][English ❘ Vietnamese subtitles]
692.1 N
zamlingnelam
2:51
Radha's Love for Krishna | English Bhajan | Spiritual/Devotional Song | @SymphonyofGods
62
Symphony of Gods
1:39:59
LATEST DEVOTIONAL SONGS FROM BHUTAN | PHUB ZAM | CHOEYANG VOL.5
43.5 N
TASHI STUDIO ( Melodies from the Drukpas )
28:12
༼བདེ་སྨོན་རྒྱས་པ། ༽ Pure land of the Buddha Amitābha Prayer.
65.5 N
LEARNING: Basic Reading Tibetan Language
57:16
PHUB ZAM'S DEVOTIONAL SONGS | ཆོས་དབྱངས། CHOEYANG | VOLUME -1
194.6 N
TASHI STUDIO ( Melodies from the Drukpas )
29:02
Dolma |Dolma 21 | སྒྲོལ་མ | dolma |
885.6 N
Wisdom Bowl
24:41
Guru Rinpoche Seven Line Prayer | Prayer for removing obstacles | Karma Tseten
489.6 N
Karma Tseten
13:34
Bhutanese Religious Song Yuthok's Vajra Song Dzongkha Lyrics Video
263.6 N
Chencho Dorji
21:24
21 Praises to Tara - Chanted by the 17th Karmapa
2.6 Tr
福德海Ocean of Merit
14:35
Bhutanese Song Seven Line Prayer of Guru Rinpoche Choeyang|Phub Zam
1.9 Tr
Chencho Dorji
1:15:46
☸21 Tara Prayer(21Times)ཕྱག་འཚལ་ཉེར་གཅིག་མ|Twenty-one Praises and Homages With Tibetan & English
1.1 Tr
Melodious Dharma Sound
29:41
Dechen Mönlam | བདེ་ཅན་སྨོན་ལམ། | Dewachen Monlam | བདེ་སྨོན། | thongdrol.org
2.2 Tr
Thongdrol
1:16:47
The Best of Phub Zam || Devotional song || Choeyang
19 N
Inside_bhutan
17:20
Avalokiteshvara (Chenrezig ) prayer
241.5 N
PhotographybyNima
19:36
བར་བསམ་སྒྲོལ་གསུམ། BAR SAM DOL SUM बार साम डोल सुम |Full fill your all wishes
534.7 N
Buddhist Prayer
2:22:23
Most powerful protection against negative energy | Green Tara Mantra | Om Tare Tuttare Ture Soha
3.2 Tr
Next Level Meditation
12:20
Serdok Gi Nima Dzongkha Song Lyrical Video|Phub Zam
88.3 N
Chencho Dorji
23:50
Mantra of Avalokitesvara (Eleven-Faced Avalokitesvara Heart Dharani Sutra)
1.3 Tr
Meditation Music
Nhạc Theo Chủ Đề
Nhạc Không Lời
Nhạc Vàng HOT
Nhạc Liên Khúc
Nhạc DJ HOT
Nhạc Hà Nam
Nhạc Vĩnh Yên
Nhạc Hưng Yên
Nhạc Hải Dương
Nhạc Hà Tây
Nhạc Sông Đáy
LK Nhạc Vàng
LK Nhạc Trẻ
Liên kết website